རིན་ཆེན་དབྱར་རྩ་དགུན་འབུ་འདི། །ས་སྟེང་ཉུག་ཀྱང་དཀོན་ན་ཡང་།།


རིན་ཆེན་དབྱར་རྩ་དགུན་འབུ་འདི། །ས་སྟེང་ཉུག་ཀྱང་དཀོན་ན་ཡང་།།

མཐོ་སྒང་བོད་པའི་ས་ལ་མོད། །རྒྱལ་བའི་ཐུགས་རྗེ་ཕྲིན་ལས་ཡིན།།

དབྱར་རྩ་དགུན་འབུའི་ནུས་པ་འདིས། །འབྲས་སྐྲན་ངན་པར་གསོ་ནུས་ཞིང་།།

མཁལ་མའི་ནུས་ཤུགས་བསྐྱེད་པ་དང་། །གློ་ཁྲག་ནད་ཟུག་ཞི་བ་དང་།།

འགོ་ནད་འགོག་ཤུགས་སྟོབས་སུ་བརྟས། །ལུས་གྲུབ་ཕྲ་ཕུང་ལེགས་སུ་བཅུག།

སྙིང་ནད་རིགས་ལ་ཕན་པ་ཆེ། །མཆིན་པ་སྲ་མོའི་ནད་དུག་འཇོམས།

དབང་རྩ་སྙོམས་པའི་ལེགས་ཆ་ལྡན། །ཁྲག་རྩའི་སྣུན་ཚིལ་སླ་བར་བྱེད།།

གསང་རྒྱུད་ཟགས་གཤེར་སྐུལ་རྩི་སྙོམས། །ཁྲག་གི་རྒྱུ་བ་རྒྱུན་ལྡན་བྱེད།།

ལྗར་པན་ལྗར་མན་རྒྱལ་ཁབ་ཀྱི། །གསོ་བྱེད་ཚན་རིག་ཟུང་འབྲེལ་གྱིས།།

གཏན་ཕབས་འབུ་ཡི་ཕན་ནུས་འདི། །བིདྱཱ་དྷརཱནྟཀས་བསྒྱུར།།

2013-01-11 持明 仁增塔欽

留言

這個網誌中的熱門文章

資糧道、加行道、見道、修道、無學道

《法融心生活》精粹版第八偈(下)

《入菩薩行論智慧品》2018年8月7日(上)