ལྔ་རིག་སྣང་བའི་ཆོས་ཀྱི་གླེང་སྟེགས་སྨྲ་དབང་དགྱེས་པའི་འདུན་ས་རུ།།




ལྔ་རིག་སྣང་བའི་ཆོས་ཀྱི་གླེང་སྟེགས་སྨྲ་དབང་དགྱེས་པའི་འདུན་ས་རུ།།

དྭངས་བ་སེམས་ཀྱི་མཆོད་སྤྲིན་བསྟར་ཞིང་ཟབ་རྒྱས་ལེགས་བཤད་ཚངས་དབྱངས་སྒྲ།།

རིག་པའི་གར་སྟབས་ལུང་གིས་མཛེས་པ་སླར་ཡང་ཕྲ་འཕྲིན་འདིར་བྱོན་ཏེ།།

མཁྱེན་རབ་རྒྱ་མཚོའི་ལེགས་བཤད་བཟང་པོས་སྐལ་ལྡན་ཡིད་རབ་དགའ་བར་བྱོས།།

ལྔ་རིག་སྣང་བ་འདིའི་ནང་དུ་ལུང་དང་རིག་པ་སྨྲ་བའི་མཁས་པ་དང་། སྡེ་སྣོད་རྒྱ་མཚོས་ཕྱུག་པའི་བླ་མ་དང་མཁན་པོ། བོད་རིག་པ་སྨྲ་བའི་མཁན་ཆེན། འགྲོ་དོན་ཅན་གྱི་སྤྲུལ་སྐུ་དང་། ལྔ་རིག་སྨྲ་བའི་དགེ་རྒན་སོགས་གངས་རི་བོའི་ཆོས་རིག་གི་ཀ་ཆེན་མི་ཉུང་པ་བཞུགས་ཡོད་པས་ཁོང་རྣམས་པའི་ལེགས་བཤད་བཟང་པོའི་དགའ་སྟོན་ལ་གདེངས་འཇོག་དང་གུས་ལུས་བྱེད་པ་ནི་འདིར་བཞུགས་སོ་སོའི་ཡོན་ཏན་ཡིན་པས་དད་སྤྲོ་གཉིས་ཀྱི་སྒོ་ནས་གསན་འོས། ཚོགས་པ་འདི་ནི་གནས་ལྔའི་བགྲོ་གླེང་གི་སློབ་གྲྭ། ལུང་རྟོགས་འཆད་ཉན་གྱི་ཆོས་གྲྭ་ལྟ་བུ་ཞིག་ཏུ་འགྱུར་བའི་ལྷག་བསམ་འཆང་དགོས་པ་ནི་ཚོགས་མི་ཡོངས་ཀྱི་འོས་འགན་ཡིན། གལ་ཏེ་འདིར་ཕེབས་པའི་མཁས་པ་རེ་རེ་ནས་གདན་དྲངས་དགོས་པ་ཡིན་ན། ཡུལ་དུས་ཀྱི་དབང་གིས་གདན་དྲངས་པར་དཀའ་ངལ་ཡོད་པ་ཤེས་གསལ་ལྟར་རེད། ད་ལྟ་ལྔ་རིག་སྣང་བ་འདིའི་ནང་སེམས་བསྐྱེད་དང་ལྷག་བསམ་ཅན་གྱི་མཁས་དབང་རྣམས་ཕེབས་ཏེ་མདོ་སྔགས་ཆོས་ཀྱི་དགའ་སྟོན་འབྱེད་བཞིན་པ་འདི་ནི་རྨད་བྱུང་བསོད་ནམས་ཀྱི་འབྲས་བུ་བཟང་པོར་ཡིན་པ་གདོན་མི་ཟ་པས་ཚོགས་མི་ཡོངས་ཀྱིས་སྤྲོ་བརྩོན་གྱི་དོ་སྣང་ཡོད་པ་གལ་ཆེན་ཞུ་བ་ཡིན།། ཚོགས་གཙོ་ནས།

2013-01-13 持明 仁增塔欽


留言

這個網誌中的熱門文章

資糧道、加行道、見道、修道、無學道

《法融心生活》精粹版第八偈(下)

《入菩薩行論智慧品》2018年8月7日(上)